• lucy_unsungsoul 9w

    གྲོགས་མོ་ལགས་

    ལང་ཚོ་འཛུམ་གྱི་བསུ་བའི་ངའི་མཛའ་བཤེས་ངོ་
    ལན་གཅིག་མིན་པར་ལྷང་ངེར་འཆར་བཞིན་ཡོད་
    བཅོས་མིན་བཙེ་གདུང་རི་རྒྱལ་ལྷུན་པོ་འདྲ་
    ཁྱེད་དང་འཕྲད་པ་སེམས་པ་དགྱེས་ཚོར་བསྐྱེད་

    སྔོན་ལས་བཟང་བའི་ང་དང་ཐུག་འཕྲད་བྱུང་
    སྐྱིད་ན་གད་སྒྲ་སྡུག་ན་མཉམ་ཚོར་ཡིན་
    ལམ་འདི་ཟུང་ནས་ཆས་འགྲོ་ང་དང་མཉམ་
    རྟག་ཏུ་དགའ་བའི་དབྱངས་སྙན་རོལ་ནས་འགྲོ་

    བྱ་བའི་གནས་ལུགས་ད་ལྟ་འབྲེལ་ཐག་རིང་དུ་ཕྱིན་
    མཛའ་བཙེ་སེམས་འཁུར་སྔར་དང་ཅིག་མཚུངས་ཡིན་
    རྒྱང་ཐག་རིང་བའི་མཉམ་འཛོམས་མ་བྱུང་ནའང་
    མདངས་བའི་བཙེ་བ་སྔར་དང་ཅིག་མཚུངས་ཡིན་
    ©lucy_unsungsoul